Yak laybi Lhadar

Unknown Artist

Lyrics

Soo.. yak legbi lhadhar zshel legsa
Yak legbi lhadhar lhachu dhi

Soo.. yak kayyul droyuel shed-ming go
Yak kay yuel droyuel shed go na

Soo.. thow gangri karpoi zhaylu lay
Pang sersho khagyel thosa lu

Soo.. ya metho baabchu legsa mo
Yak rang gi phayul dhiley inn

Soo.. tsa zawa ganglay zengo za
Chhu thungma ngomchhu tsholay thung

Soo.. na thruelni lhadhar nga thruel way
Nga laywang chen gyi lhadar mo


Full Version In Dzongkha
སཱ་་་གཡག་ལེགས་པའི་ལྷ་དར་གཞོལ་ལེགས་ས།
གཡག་ལེགས་པའི་ལྷ་དར་ལྷ་ཅུང་འདི།
སཱ་་་་གཡག་སྐྱེས་ཡུལ་འགྲོ་ཡུལ་བཤོད་མི་དགོས།
གཡག་སྐྱོས་ཡུལ་འགྲོ་ཡུལ་བཤོད་དགོས་ན།
སཱ་་་་མཐོཝ་གངས་རི་དཀར་པོའི་གཞོལ་ལུ་ལས།
སྤང་གསེར་གཤོག་ཁ་རྒྱས་མཐོ་ས་ལུ།
སཱ་་་་ཡར་མེ་ཏོག་བབས་ཅུང་ལེགས་ས་སྨོ།
གཡག་རང་གྱི་ཕ་ཡུལ་འདི་ལུ་ཨིན།
སཱ་་་རྩ་ཟ་བ་གངས་ལས་ཟན་སྒོར་ཟ།
ཆུ་འཐུང་པ་ངོམ་ཆུ་མཚོ་ལས་འཐུང།
སཱ་་་ཉམས་དགའ་བའི་བག་སྤྲོ་རྐྱབ་པ་ཅིན།
ཡར་བྱང་ཐང་རིམ་གྱིས་མཇུག་ལས་སྨོ།
སཱ་་་དམང་བསད་དང་རིམ་གྱིས་བསད་ད་ཡི།
ང་ལས་དབང་ཅན་གྱི་ལྷ་དར་འདི།
སཱ་་་ན་འཁྲུལ་ནི་ལྷ་དར་ང་འཁྲུལ་བས།
ང་ལས་དབང་ཅན་གྱི་ལྷ་དར་སྨོ།
སཱ་་་ཆེ་བ་དབང་ཆེན་དཔོན་པོའི་བཀའ་ཆེ་ཚེ།
གློ་བར་བྷནྡྷ་ཧོ་ཤེལ་བཏགས་མི་གཅིག།
སཱ་ང་ལྷ་དར་ལེན་པར་མཐོང་འོང་ས་ནུག།
ང་ལྷ་དར་མ་འགྲོ་ཚད་མི་འདུག།
སཱ་་་ན་བསྐོར་བརྒྱབ་བསྐོར་ལས་བཙུགས་རུང་རང་།
གཏམ་བསྐོར་བརྒྱབ་ལྷ་དར་ང་རང་ཨིན།
སཱ་་་ཡར་ལྷོད་པ་ཕྱོགས་ལས་ལ་བསྐོར་ལྷོད།
ཡར་ཕྱོགས་ལས་ལ་བསྐོར་ལྷོད་ཚེ་རྨོ།
སཱ་་་གངས་བསྐལ་པའི་ནམ་མཁའ་མཐོ་མི་མཐོ།
རང་ལྷ་དར་སྲོག་ཤིང་དམའ་མི་དམའ།